桑珠孜区主城区广大用气用户、各燃气经营企业和配送单位:
根据西藏自治区《关于加强我区瓶装液化石油气配送服务安全管理工作的通知》(藏建城管〔2024〕106号)和《日喀则市瓶装液化石油气配送工作实施方案》(日城发〔2025〕25号),现就桑珠孜区主城区内实施瓶装液化石油气“配送服务、随瓶安检”通告如下:
一、自2025年5月1日起,在桑珠孜区人民政府四个街道办事处管辖区域、经开区、文创园区全面实施瓶装液化石油气配送、随瓶安检工作,取消用户自提。请广大用气用户通过液化气站热线电话进行购气,由液化气站提供“实名登记、送气上门、接装到位、随瓶安检”等服务。
二、各液化气站要按照《中华人民共和国价格法》、国家市场监管总局《明码标价和禁止价格欺诈规定》的要求,实行明码标价,明确标识服务项目、服务内容和价格以及计价方法、举报电话(价格举报12315,行业监督电话12319)等信息,自觉接受社会监督。
三、各液化气站要组织专业的配送力量,将气瓶配送到户,同步实行免费入户安检服务和安全用气指导,确保用气安全。(安全检查内容主要是对用户的“瓶、管、灶、阀”是否符合国家规定、是否存在违规安装使用等情况进行检查。“瓶”要在规定的年限内使用;“管”要使用金属包覆型波纹软管;“灶”要带熄火保护装置;“阀”要带自闭功能不可调节式减压阀,并强力推荐安装可燃气体报警器),发现用气用户违反安全用气规定或者存在安全隐患的,应当及时告知,提出书面整改建议,并向监管部门报备,对拒不整改的单位和个人停止供气。
请广大市民积极配合液化气站开展入户配送、随瓶安检工作,如发现安全隐患要及时整改,以保障用气安全。
日喀则市城市管理局
桑珠孜区住建局
2025年4月30日
附件
桑珠区内各液化气站配送服务电话
序号 | 企业名称 | 位置 | 联系号 | 备 注 |
1 | 桑珠孜区西海东郊液化气站 | 桑珠孜区东郊曲夏村(曲夏检查站前50米处) | 08928953088 18308025718 18708092941 | |
2 | 西藏日喀则德旺燃气有限责任公司 | 桑珠孜区迎宾路13号 | 0892-8953188 13298929696 15889025875 18898022358 15692627722 | |
3 | 西藏恒通商贸有限责任公司 | 桑珠孜区山东南路8号 | 18323887623 18180975815 18708098859 13989025773 13989027771 18190891398 17628030434 | |
4 | 日喀则市海川液化气站 | 桑珠孜区雪强北路右侧(日谢公路1公里处) | 08928233008 17354582859 15208099675 | |
5 | 白云液化站 | 桑珠孜区西郊达热瓦检测站向北200米处 | 18696705430 18315256963 18708091717 | |
6 | 日喀则市民华液化气贮备充装有限责任公司 | 桑珠孜区雪强路与齐拉路交叉口 | 13989924787 |
བསམ་གྲུབ་རྩེ་ཆུས་ཀྱི་གྲོང་ཁུལ་གཙོ་བོར་རྡོ་སྣུམ་གཤེར་རླངས་མངག་སྐྱེལ་ཞབས་ཞུ་དང་བླུགས་སྣོད་ལ་བདེ་འཇགས་ཞིབ་བཤེར་སྤེལ་རྒྱུའི་སྐོར་གྱི་གསལ་བརྡ།
བསམ་གྲུབ་རྩེ་ཆུས་ཀྱི་གྲོང་ཁུལ་གཙོ་བོའི་རྒྱ་ཆེའི་གཤེར་རླངས་སྤྱོད་མཁན་རྣམ་པ་དང་། འབར་རླངས་ལས་གཉེར་ཁེ་ལས་དང་མངག་སྐྱེལ་ཚན་པ་ཁག་ལ།
བོད་རང་སྐྱོང་ལྗོངས་ཀྱི《རང་ལྗོངས་ཀྱི་ལྕགས་ཟོམ་རྡོ་སྣུམ་གཤེར་རླངས་མངག་སྐྱེལ་ཞབས་ཞུའི་བདེ་འཇགས་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》(བོད་འཛུགས་གྲོང་དོ་དམ〔2024〕ཡིག་ཨང་106)དང་། 《གཞིས་ཀ་རྩེ་གྲོང་ཁྱེར་ལྕགས་ཟོམ་རྡོ་སྣུམ་གཤེར་རླངས་མངག་སྐྱེལ་ལས་དོན་གྱི་ལག་བསྟར་ཇུས་གཞི》(གཞིས་གྲོང་སྤེལ 〔2025〕ཡིག་ཨང་25)གཞིར་བཟུང་། ད་ལྟ་བསམ་གྲུབ་རྩེ་ཆུས་ཀྱི་གྲོང་ཁུལ་གཙོ་བོའི་ཁོངས་སུ་རྡོ་སྣུམ་གཤེར་རླངས་མངག་སྐྱེལ་ཞབས་ཞུ་དང་བླུགས་སྣོད་ལ་བདེ་འཇགས་ཞིབ་བཤེར་སྤེལ་རྒྱུའི་གསལ་བརྡ་གཏོང་རྒྱུ་གཤམ་གསལ།
གཅིག 2025ལོའི་ཟླ་5ཚེས་1ཉིན་ནས་བཟུང་། བསམ་གྲུབ་རྩེ་ཆུས་མི་དམངས་སྲིད་གཞུང་གི་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཞིའི་ཁོངས་གཏོགས་དང་། དཔལ་འབྱོར་གསར་སྤེལ་ཁུལ། གསར་གཏོད་གླིང་ཁུལ་བཅས་སུ་ཕྱོགས་ཡོངས་ནས་རྡོ་སྣུམ་གཤེར་རླངས་མངག་སྐྱེལ་དང་བླུགས་སྣོད་ལ་བདེ་འཇགས་ཞིབ་བཤེར་སྤེལ་ནས་སྤྱོད་མཁན་སོ་སོས་གཤེར་རླངས་ལེན་རིགས་མེད་པར་བཟོ་རྒྱུ། རྒྱ་ཆེའི་གཤེར་རླངས་སྤྱོད་མཁན་རྣམ་པས་གཤེར་རླངས་ས་ཚིགས་ཀྱི་ཐད་སྦྲེལ་ཁ་པར་བརྒྱུད་དེ་གཤེར་རླངས་ཉོ་སྒྲུབ་བྱེད་དགོས་ཤིང་། གཤེར་རླངས་ས་ཚིགས་ཀྱིས་མིང་དངོས་ཀྱི་ཐོ་འགོད་དང་། གཤེར་རླངས་སྒོ་ཁར་སྐྱེལ་བ། འབྲེལ་མཐུད་སྒྲིག་སྦྱོར། བླུགས་སྣོད་ལ་ཞིབ་བཤེར་སོགས་ཀྱི་ཞབས་ཞུ་སྒྲུབ་རྒྱུ།
གཉིས། གཤེར་རླངས་ས་ཚིགས་ཁག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》དང་། རྒྱལ་ཁབ་ཁྲོམ་ར་ལྟ་སྡོམ་སྤྱི་ཁྱབ་ཅུད་ཀྱི《རིན་གོང་གསལ་འགོད་དང་རིན་གོང་ཧམ་སྤར་བཀག་སྡོམ་གཏན་འབེབས》ཀྱི་བླང་བྱ་གཞིར་བཟུང་། རིན་གོང་གསལ་འགོད་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ཞབས་ཞུའི་རྣམ་གྲངས་དང་། ཞབས་ཞུའི་ནང་དོན་དང་རིན་གོང་། དེ་བཞིན་རིན་གོང་རྩིས་རྒྱག་སྟངས་དང་། ཐེར་འདོན་ཁ་པར(རིན་གོང་ཐེར་འདོན་12315དང་ལས་རིགས་ཀྱི་ལྟ་སྐུལ་ཁ་པར་ 12319)སོགས་ཀྱི་ཆ་འཕྲིན་གསལ་བཀོད་བྱས་ནས་སྤྱི་ཚོགས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱ་རྒྱུ།
གསུམ། གཤེར་རླངས་ས་ཚིགས་ཁག་གིས་ཆེད་ལས་མངག་སྐྱེལ་བ་སྒྲིག་འཛུགས་བྱས་ཏེ་གཤེར་རླངས་དུད་ཁྱིམ་དུ་སྐྱེལ་བ་དང་ཆབས་ཅིག ཁྱིམ་དུ་བསྐྱོད་ནས་རིན་མེད་བདེ་འཇགས་ཞིབ་བཤེར་གྱི་ཞབས་ཞུ་དང་གཤེར་རླངས་བེད་སྤྱོད་ཡང་དག་བྱེད་རྒྱུར་མཛུབ་ཁྲིད་བྱས་ནས། གཤེར་རླངས་བདེ་འཇགས་ངང་བེད་སྤྱོད་ཐུབ་པའི་འགན་ལེན་བྱ་རྒྱུ(བདེ་འཇགས་ཞིབ་བཤེར་གྱི་ནང་དོན་གཙོ་བོ་ནི་བླུགས་སྣོད་དང་། སྦུ་གུ། ཐབ། བཀག་སྒོ་བཅས་རྒྱལ་ཁབ་ཀྱི་གཏན་འབེབས་ཚད་གཞི་དང་མཐུན་ཡོད་མེད་དང་། སྒྲིག་འགལ་ངང་སྒྲིག་སྦྱོར་བེད་སྤྱོད་བྱས་ཡོད་མེད་སོགས་ཀྱི་ཐད་ཞིབ་བཤེར་བྱ་རྒྱུ་དང་། བླུགས་སྣོད་ནི་གཏན་འབེབས་ཀྱི་ལོ་ཚད་ནང་སྤྱོད་དགོས། སྦུ་གུ་ནི་ལྕགས་ཀྱིས་བཏུམས་པའི་སྦུ་གུ་གཉེན་པོ་སྤྱོད་དགོས། ཐབ་ནི་མེ་ཤི་བའི་སྲུང་སྐྱོབ་སྒྲིག་ཆས་སྤྱོད་དགོས། བཀག་སྒོ་ནི་རང་འགུལ་གྱི་ཁ་བཀག་ནུས་པ་ལྡན་ཞིང་སྙོམས་སྒྲིག་མི་ཐུབ་པའི་གནོན་ཤུགས་ཆུང་གཏོང་བཀག་སྒོ་སྤྱོད་དགོས་པ་མ་ཟད། འབར་རླངས་ཀྱི་ཉེན་བརྡ་གཏོང་ཆས་སྒྲིག་སྦྱོར་བྱེད་དགོས)སྤྱོད་མཁན་གྱིས་གཤེར་རླངས་བདེ་འཇགས་བེད་སྤྱོད་ཀྱི་གཏན་འབེབས་ལས་འགལ་བའམ་མངོན་མེད་ཉེན་ཁ་ཡོད་པ་ཤེས་རྟོགས་ཐུབ་ཚེ་། དུས་ཐོག་ཏུ་གསལ་བརྡ་བཏང་ནས་ཡིག་ཐོག་གི་བཅོས་སྒྲིག་གྲོས་འགོ་བཏོན་དགོས་པ་མ་ཟད། ལྟ་སྐུལ་དོ་དམ་སྡེ་ཚན་ལ་སྙན་འབུལ་ཞུ་དགོས། བཅོས་སྒྲིག་གཏན་ནས་མི་བྱེད་པའི་ཚན་པ་དང་མི་སྒེར་ལ་གཤེར་རླངས་མཁོ་འདོན་བྱེད་མཚམས་འཇོག་དགོས།
རྒྱ་ཆེའི་གྲོང་མི་རྣམ་པས་གཤེར་རླངས་ས་ཚིགས་ཀྱི་གཤེར་རླངས་མངག་སྐྱེལ་དང་བླུགས་སྣོད་ལ་ཞིབ་བཤེར་སྤེལ་བའི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་གནང་རོགས། གལ་སྲིད་མངོན་མེད་ཉེན་ཁ་ཤེས་རྟོགས་ཐུབ་ཚེ་དུས་ཐོག་ཏུ་བཅོས་སྒྲིག་བྱས་ནས་གཤེར་རླངས་བདེ་འཇགས་ངང་སྤྱོད་ཐུབ་རྒྱུར་འགན་ལེན་བྱེད་དགོས།
གཞིས་ཀ་རྩེ་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུད།
བསམ་གྲུབ་རྩེ་ཆུས་སྡོད་ཁང་འཛུགས་སྐྲུན་ཅུད།
2025ལོའི་ཟླ་4ཚེས་30ཉིན།
ཟུར་བཀོད། བསམ་གྲུབ་རྩེ་ཆུས་ཁུལ་གྱི་གཤེར་རླངས་ས་ཚིགས་ཁག་གི་
མངག་སྐྱེལ་ཞབས་ཞུའི་ཁ་པར།
གོ་རིམ། | ཁེ་ལས་ཀྱི་མིང་། | གནས་ཡུལ། | འབྲེལ་གཏུག་ཁ་པར། | ཟུར་བཀོད། |
1 | བསམ་གྲུབ་རྕེ་ཆུས་ཤིའི་ཧའེ་ཤར་ཕྱོགས་གཤེར་རླངས་ས་ཚིགས། |
བསམ་གྲུབ་རྕེ་ཆུས་ཤར་རྒྱུད་ཆུ་ཤར་གྲོང་ཚོ(ཆུ་ཤར་ཞིབ་བཤེར་ས་ཚིགས་མདུན་ངོས་ཀྱི་རྨིད་50སར)
| 08928953088 18308025718 18708092941 | |
2 | བོད་ལྗོངས་གཞིས་ཀ་རྕེ་བདེ་འབར་རླངསའགན་འཁྲི་ཚད་ཡོད་ཀུང་སི། | བསམ་གྲུབ་རྩེ་ཆུས་ཡིང་པིང་ལམ་སྒོ་རྟགས་13པ། | 0892-8953188 13298929696 15889025875 18898022358 15692627722 | |
3 | བོད་ལྗོངས་ཧེང་ཐུང་ཉོ་འཚོང་འགན་འཁྲི་ཚད་ཡོད་ཀུང་སི། | བསམ་གྲུབ་རྩེ་ཆུས་ཧྲན་ཏུང་ལྷོ་ལམ་སྒོ་རྟགས་8པ། | 18323887623 18180975815 18708098859 13989025773 13989027771 18190891398 17628030434 | |
4 | གཞིས་ཀ་རྩེ་གྲོང་ཁྱེར་ཧའེ་ཁྲོན་གཤེར་རླངས་ས་ཚིགས། | བསམ་གྲུབ་རྩེ་ཆུས་ཞོལ་བྱང་བྱང་ལམ་གྱི་གཡས་ངོས(གཞིས་བཞད་གཞུང་ལམ་གྱི་སྤྱི་ལེ་1གི་སར) | 08928233008 17354582859 15208099675 | |
5 | པའེ་ཡུན་གཤེར་རླངས་ས་ཚིགས། | བསམ་གྲུབ་རྩེ་ཆུས་ནུབ་རྒྱུད་རྟ་ར་འོག་ཞིབ་བཤེར་ས་ཚིགས་ནས་བྱང་ངོས་ཀྱི་རྨིད་200སར། | 18696705430 18315256963 18708091717 | |
6 | གཞིས་ཀ་རྩེ་གྲོང་ཁྱེར་མིང་ཧྭ་གཤེར་རླངས་གྲབས་གསོག་བྱུར་ཁེངས་འགན་འཁྲི་ཚད་ཡོད་ཀུང་སི། | བསམ་གྲུབ་རྩེ་ཆུས་ཞོལ་བྱང་ལམ་དང་བྱེ་ལ་ལམ་གྱི་འབྲེལ་མཚམས། | 13989924787 |